您当前位置:首页 >  通知公告  > 关于收缴非法枪支弹药、爆炸物品等危险物品的通告

关于收缴非法枪支弹药、爆炸物品等危险物品的通告

2017-07-13    来源:本站原创    责任编辑:本站编辑


青海省高级人民法院

青海省人民检察院

青海省公安厅

关于收缴非法枪支弹药、爆炸物品等危险物品的通告


为维护社会治安秩序,保障公共安全,保护人民群众生命财产安全,根据《中华人民共和国刑法》、《中华人民共和国治安管理处罚法》、《中华人民共和国枪支管理法》、《中华人民共和国民用爆炸物品安全管理条例》、《中华人民共和国危险化学品安全管理条例》等法律、法规的规定,现就依法收缴非法爆炸物品、枪支弹药、剧毒化学品、放射性物品、管制刀具、弩等危险物品,严格查处违反爆炸物品、枪支弹药等危险物品和管制器具管理规定的违法犯罪活动通告如下:

一、严禁非法制造、买卖、运输、邮寄、储存炸药、雷管、导火索、导爆索、震源弹、黑火药、烟火药、手榴弹、地雷等各类爆炸物品和军用枪、射击运动枪、猎枪、麻醉注射枪、气枪、彩弹枪、火药枪、仿真枪等各类枪支弹药以及剧毒化学品、放射性物品等危险物品。

二、严禁非法私藏、持有、携带、使用、处置爆炸物品、枪支弹药、剧毒化学品、放射性物品、管制刀具、弩等危险物品。

三、严禁邮寄或者在邮寄、托运的货物、行李、包裹、邮件中夹带爆炸物品、枪支弹药、剧毒化学品、放射性物品等危险物品。

四、严禁走私爆炸物品、枪支弹药、剧毒化学品、放射性物品等危险物品。

五、凡有以上行为或者其他违反相关规定的,必须立即投案自首,并将非法危险物品上交当地公安机关。

六、凡在本通告公布之日起三十日内投案自首并交出上述非法物品的,可依法从轻、减轻、免除或者不予处罚;逾期拒不自首、拒不交出非法物品的,依法收缴并从重处罚。

七、凡爆炸物品、枪支弹药、剧毒化学品、放射性物品等危险物品被盗、被抢或者丢失的,应当及时报告当地公安机关,未按规定报告的,依法追究有关单位和人员的责任;公民发现遗弃的爆炸物品、枪支弹药或者可疑危险物品的,应当立即报告当地公安机关。

八、鼓励、保护广大人民群众积极举报涉枪支、弹药、爆炸物品违法犯罪活动、提供违法犯罪活动线索,动员、规劝在逃涉枪涉爆案件犯罪人员投案自首。凡举报有功的,按有关规定给予重奖;窝藏、包庇涉枪涉爆违法犯罪分子,帮助违法犯罪分子毁灭、仿造证据的,依法追究法律责任。对威胁、报复举报人、控告人的,依法从严惩处。

 

举报电话:110,0971-8292110;

举报电子邮箱:qhzbjq@163.com

本通告自发布之日起实施。


O一七年六月二十二日


མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་།

མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་།

མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཅུའུ།


ཁྲིམས་འགལ་གྱི་མེ་མདའ་དང་རྫས་མདེལ།འབར་རྫས་སོགས་ཉེན་ཆེའི་དངོས་རྫས་རྩིས་ལེན་སྐོར་གྱི་བརྡ་ཁྱབ།

 

སྤྱི་ཚོགས་བདེ་སྐྱོང་གི་སྒྲིག་རིམ་སྲུང་སྐྱོང་དང་།སྤྱི་པའི་བདེ་འཇགས་འགན་ལེན།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཀྱི་སྲུང་སྐྱོབ་ཆེད་དུ། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་»དང་། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་བཅའ་ཁྲིམས་» «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེ་མདའ་དོ་དམ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་» «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་སྤྱོད་འབར་གས་དངོས་པོའི་བདེ་འཇགས་དོ་དམ་སྲོལ་ཡིག» «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེན་ཆེའི་རྫས་འགྱུར་དངོས་རྫས་ཀྱི་བདེ་འཇགས་དོ་དམ་སྲོལ་ཡིག»སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར།ད་ནས་བཟུང་ཁྲིམས་འགལ་གྱི་འབར་རྫས་དང་མེ་མདའ།རྫས་མདེལ།དུག་ཤེད་ཆེ་བའི་དངོས་རྫས།འཕྲོ་འགྱེད་དངོས་པོ།བཀག་འགོག་བྱེད་པའི་གྲི་དང་མདའ་གཞུ་མཚོན་ཆ་སོགས་ཉེན་ཆེའི་དངོས་རྫས་ཁྲིམས་ལྟར་རྩིས་ལེན་བྱེད་པ་དང་།ཁྲིམས་འགལ་གྱི་འབར་གས་དངོས་རྫས་དང་།མེ་མདའ་དང་རྫས་མདེལ་སོགས་ཉེན་ཆེའི་དངོས་རྫས།བཀག་འགོག་བྱེད་པའི་མཚོན་ཆ་ཁྱེར་བ་སོགས་ལ་དོ་དམ་གཏན་འབེབས་བྱས་པའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པའི་བརྡ་ཁྱབ་གཤམ་གསལ་ལྟར།

གཅིགའབར་རྫས།འབར་སྐུད།འདྲེན་སྐུད།ཡོམས་ཁུངས་ཀྱི་མདེའུ།མེ་རྫས་ནག་པོ་།ལག་རྒྱོགས།ས་འོག་འབར་རྫས་སོགས་འབར་གས་རིགས་ཀྱི་དངོས་རྫས་དང་།དམག་སྤྱོད་མེ་མདའ་དང་།འགུལ་སྐྱོད་མེ་མདའ།རྔོན་མདའ།སྦྲིད་སྨན་རྒྱག་བྱེད་ཀྱི་མདའ།ཕུ་མདའ།ཚོན་མདེའུ་མེ་མདའ།མེ་རྫས་མེ་མདའ།འདྲ་བཟོས་མེ་མདའི་རིགས་དང་དུག་ལྡན་རྫས་འགྱུར་གྱི་དངོས་རྫས།དེ་བཞིན་འཕྲོ་འགྱེད་ཀྱི་དངོས་རྫས་སོགས་ཁྲིམས་འགལ་གྱིས་བཟོ་བ་དང་།ཉོ་ཚོང་།སྦྲག་བསྲིངས་སྐྱེལ་འདྲེན།གསོག་ཉར་བྱེད་པ་སོགས་གཏན་འགོག་བྱེད་རྒྱུ་ཡིན།

གཉིས།མདའ་དང་རྫས་མདེལ་ཡི་རིགས་དང་དུག་ཤེད་ཆེ་བའི་རྫས་འགྱུར་གྱི་དངོས་རྫས་ཀྱི་རིགས།ད་དུང་འཕྲོ་འགྱེད་ཀྱི་དངོས་རྫས།བཀག་འགོག་བྱེད་པའི་མཚོན་ཆའི་རིགས།གཞུ་མདའ་སོགས་སྒེར་གཉེར་དང་ལྐོག་འཛིན།ལུས་ལ་འདོགས་པ།བེད་སྤྱོད་པ་སོགས་ལ་གཏན་འགོག་བྱེད་རྒྱུ་ཡིན།

གསུམ།སྦྲག་ཐོག་ནས་བསྐུར་བའམ་ཡང་ན་སྐྱེལ་འདྲེན་བྱེད་པའི་དངོས་ཟོག་ནང་དུ་འབར་གས་རིགས་ཀྱི་དངོས་རྫས་དང་།མདའ་དང་མདེའུ།འཕྲོ་འགྱེད་ཀྱི་རྫས་འགྱུར་དངོས་རྫས་སོགས་ལྐོག་ཁྱེར་བྱེད་པ་གཏན་འགོག་བྱེད་རྒྱུ་ཡིན།

བཞི་བ།འབར་གས་དངོས་རྫས་དང་མེ་མདའ།རྫས་མདེལ།དུག་ཤེད་ཆེ་བའི་རྫས་འགྱུར་དངོས་རྫས།འཕྲོ་འགྱེད་ཀྱི་དངོས་རྫས་སོགས་ཉེན་རྫས་ལྐོག་འདྲེན་བྱ་རྒྱུ་གཏན་འགོག་བྱེད་རྒྱུ་ཡིན།

ལྔ།གོང་གསལ་གྱི་བྱ་སྤྱོད་དམ་ཡང་ན་གཞན་དག་འབྲེལ་ཡོད་གཏན་འབེབས་དང་འགལ་བའི་རིགས་འཕྲལ་མྱུར་དུ་རང་ཉེས་རང་ཞུ་དང་ཁྲིམས་འགལ་གྱི་དངོས་རྫས་འབྲེལ་ཡོད་ས་གནས་ཀྱི་སྤྱི་བདེ་ལས་ཁུངས་ལ་སྤྲོད་དགོས།

དྲུགབརྡ་ཁྱབ་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ཉིན་སུམ་བཅུ་ནང་ནས་རང་ཉེས་རང་ཞུ་དང་མ་ཟད་གོང་གསལ་གྱི་ཁྲིམས་འགལ་དངོས་རྫས་རྩིས་སྤྲོད་བྱས་ན་བཅའ་ཁྲིམས་ལྟར་ཉེས་གཅོད་ཡང་བཟོས་བྱེད་པའམ་ཁྲིམས་ཆད་མ་གཅོད་ནའང་ཆོགདུས་བཅད་ལྟར་རང་ཉེས་རང་ཞུ་དང་ཁྲིམས་འགལ་གྱི་དངོས་རྫས་ཡར་མ་སྤྲད་ན་ཁྲིམས་ལྟར་རྩིས་ལེན་བྱེད་རྒྱུ་མ་ཟད་ཉེས་ཆད་ལྗིད་པོ་གཅད་རྒྱུ་ཡིན།

བདུན།འབར་གས་དངོས་རྫས་དང་མེ་མདའ།མདེལ་སྨན།དུག་ཤེད་ཆེ་བའི་རྫས་འགྱུར་དངོས་རྫས།འཕྲོ་འགྱེད་ཀྱི་དངོས་རྫས་སོགས་དངོས་རྫས་ཉེན་ཅན་རྐུ་དང་འཕྲོག་བཅོམ་དུ་ཤོར་བའམ་བོར་བརླགས་བྱུང་ཚེ་དུས་ལྟར་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ལ་སྙན་སེང་འབུལ་དགོས།དུས་བཅད་ལྟར་སྙན་སེང་མ་ཞུས་ན་འབྲེལ་ཡོད་ཀྱི་མི་སྒེར་དང་ལས་ཁུངས་ལ་འགན་འཁྲི་རྩད་གཅོད་བྱེད་དགོས།འབར་གས་དངོས་རྫ་དང་མེ་དམའ།དོགས་ཡོད་ཉེན་ཅན་དངོས་རྫས་སོགས་མི་དམངས་ཀྱིས་མཐོང་ཐོས་བྱུང་ན་དུས་ལྟར་ས་གནས་ཀྱི་སྤྱི་བདེ་ལས་ཁུངས་ལ་སྙན་སེང་འབུལ་དགོས།

བརྒྱད།རྒྱ་ཆེའི་མི་དམངས་མང་ཚོགས་རྣམས་ཀྱིས་མེ་མདའ་དང་རྫས་མདེལ།འབར་རྫས།ཁྲིམས་འགལ་ཉེས་བཟོ་དང་འབྲེལ་བའི་བྱ་སྤྱོད་ཐེར་འདོན་གོང་ཞུ་བྱེད་པ་དང་།ཁྲིམས་འགལ་དང་ཉེས་གསོག་སྤྱོད་ངན་གྱི་ཁུངས་སྣེ་མཁོ་འདོན་སྤྲད་པར་རྟིང་སྐུལ་དང་སྲོང་སྐྱོབ་བྱས་ཏེ།མེ་མདའ་དང་འབར་གས་ཀྱི་གྱོད་གཞི་དང་འབྲེལ་བའི་ཉེས་བཟོའི་མི་སྣས་རང་ཉེས་རང་ཞུ་བྱ་བར་སྐུལ་སློང་དང་སློབ་གསོ་གཏང་དགོས།ཐེར་འདོན་གོང་ཞུའི་མི་བྱས་རྗེས་ཅན་ལ་འབྲེལ་ཡོད་གཏན་འཁེལ་ལྟར་བྱ་དགའ་སྟེར་རྒྱུ།མེ་མདའ་དང་འབར་གས་དང་འབྲེལ་བའི་ཁྲིམས་འགལ་གྱི་ཉེས་བཟོའི་མི་སྣར་ངེས་རྒྱབ་བསྟེན་བསྐྱིལ་བྱེད་པ་དང་།ཁྲིམས་འགལ་ཉེས་བཟོའི་མི་སྣར་རོགས་རམ་བྱས་ནས་བདེན་དཔང་མེད་པར་བཏང་བ་དང་རྫུན་མ་བཟོ་མཁན་ལ་ཁྲིམས་ལྟར་དུ་བཅའ་ཁྲིམས་ཉེན་འགན་རྩད་གཅོད་བྱ་རྒྱུ།ཐེར་འདོན་བྱེད་མཁན་དང་ཞུ་གཏུག་བྱེད་མཁན་ལ་འཇིགས་སྐུལ་དང་འཁོན་ལན་སློག་མཁན་ལ་ཁྲིམས་ལྟར་དུ་ཆད་པ་ལྗིད་པོ་གཅད་རྒྱུ་ཡིན་ནོ།

 

ཐེར་འདོན་ཁ་པར་ཨང་གྲངས།༡༡༠།༠༩༧༦-༨༢༩༢༡༡༠

ཐེར་འདོན་གློག་རྡུལ་ཡིག་སྒམ། qhzbjq@163.com

བརྡ་སྦྱོར་འདི་སྤེལ་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།


༢༠༡༧ལོའི་ཟླ་༦ཚེས་༢༢ཉིན།