您当前位置:首页 >  决策部署  > “构建平安和谐新玉树、树立政法队伍新形象”主题宣传活动(藏汉双语版)

“构建平安和谐新玉树、树立政法队伍新形象”主题宣传活动(藏汉双语版)

2017-02-20    来源:本站原创    责任编辑:本站编辑


ཡུས་ཧྲུའུ་ཁུལ་དུས་བདེ་ཞི་མཐུན་གྱི་ཡུས་ཧྲུའུ་གསར་བ་འཛུགས་སྐྱོང་དང་སྲིད་ཁྲིམས་དཔུང་སྡེའི་རྣམ་པ་གསར་གཏོད་གཏིང་ཟབ་སྤེལ་བའི་བརྗོད་བྱ་གཙོ་བོ་དྲིལ་བསྒྲགས་ཀྱི་བྱེད་སྒོ།

ཁུལ་ཡོངས་ཀྱི་སྲིད་ཁྲིམས་ལས་དོན་དང་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་ཀྱི་ཆེད་དུ།ཞིང་ཆེན་ཏང་ཨུ་སྲིད་ཁྲིམས་ཨུ་ལྷན་དང་།ཁུལ་ཨུ་དང་།ཁུལ་སྲིད་གཞུང་གིས་བཀོད་སྒྲིག་བླང་བྱ་ལ་གཞིགས་ནས་ཁུལ་ཏང་ཨུ་སྲིད་ཁྲིམས་ཨུ་ལྷན་གྱིས་ཁུལ་ཚོགས་ཆེན་གཉིས་ཀྱི་སྐབས་སུ།ཁུལ་ཡོངས་ངོས་རིམ་ཆེ་ཤོས་ཁག་བཅུ་ནས་མང་ཚོགས་ཀྱིས་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་གི་བསམ་འཆར་ཡོད་པ་རྣམས་ཡོངས་ཁྱབ་ཏུ་བསྡུ་ལེན་དང་།ཆབས་ཅིག་ཏུ་དུས་བདེ་ཞི་མཐུན་གྱི་ཡུས་ཧྲུའུ་གསར་བ་འཛུགས་སྐྱོང་དང་སྲིད་ཁྲིམས་དཔུང་སྡེའི་རྣམ་པ་གསར་གཏོད་གཙོ་གནད་དུ་འཛིན་པའི་སྒོ་ནས་སྲིད་ཁྲིམས་ཀྱི་དཔུང་ཁག་གི་ཉམས་འགྱུར་མངོན་པར་གཤམ་ས་དང་།

 

 

དམངས་ཕན་དམངས་བདེ་དམངས་སྨན་གྱི་བྱེད་ཐབས་འགྲེལ་བཤད་བྱེད་ས་དང་།དུས་བདེ་ཞི་མཐུན་ཡུས་ཧྲུས་གསར་གཏོད་པའི་དྲིལ་བསྒྲགས་བྱ་ས་དང་།བཅའ་ཁྲིམས་སམ་ཞུ་གཏུག་དང་འབྲེལ་བའི་གྱོད་དོན་བདག་སྤྲོད་དང་བཅའ་ཁྲིམས་ཀྱི་གནད་དོན་བློ་འདྲི་ས་དང་།དམངས་ཕན་ཞབས་ཞུའི་ས་གནས་དང་།རླངས་འཁོར་སྒྲིག་ཆས་དང་ཉེན་རྟོག་ཞབས་ཞུའི་སྒྲིག་ཆས་འགྲེམས་སྟོན་བྱེད་ས་དང་བཅས་ཕྱོགས་དྲུག་ཏུ་དབྱེ་བ་ཕྱེ་ཡོད།བཅའ་ཁྲིམས་སམ་ཞུ་གཏུག་དང་འབྲེལ་བའི་གྱོད་དོན་བདག་སྤྲོད་དང་བཅའ་ཁྲིམས་ཀྱི་གནད་དོན་བློ་འདྲི་ས་འཛུགས་པའི་སྒོ་ནས་དྲིལ་བསྒྲགས་དཔྱད་ཡིག་བཀྲམ་པ་དང་།གཟུགས་པོར་བརྟག་དཔྱད་བྱེད་པ་དང་།མེ་འགོག་མེ་གསོད་དངོས་སྦྱོང་སོགས་ཀྱི་རྣམ་པས་མི་དམངས་མང་ཚོགས་ཀྱི་དགོས་དོན་དང་རེ་བ་ལ་ཞབས་འདེབས་ཧུར་ཐག་པོ་དང་ལན་བཟང་པོ་བཏབ་ཡོད།                  ད་ཐེངས་ཀྱི་བྱེད་སྒོས་སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཕལ་ཆེ་ཤོས་ཞུགས་ཐོབ་པ་མ་ཟད།མང་ཚོགས་ཀྱིས་ཁས་ལེན་ཡང་ཐོབ་པ་རེད།བྱེད་སྒོ་སྤེལ་རིང་ལ་ཁུལ་རིམ་པའི་ཚན་ཁག་བཞིའི་འགོ་ཁྲིད་དང་ཚོགས་འདུ་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་ལ་གཟིགས་ཞིབ་གནང་བར་གདན་ཞུས་བྱས་པ་ཡིན།

ཐེངས་འདིའི་དྲིལ་བསྒྲགས་བྱེད་སྒོས་དུས་བདེ་ཡུས་ཧྲུའུ་ཧ་གོ་བའི་ཚད་ཡར་མཐོ་དང་མང་ཚོགས་བློ་ཡིད་ཚིམ་པའི་ཚད་ཡར་མཐོ་སོགས་ཀྱི་ཐད་ནས་སྔོན་དཔག་དམིགས་ཡུལ་འགྲུབ་ཡོད།ཁུལ་ཨུའི་ཧྲུའུ་ཅི་བློ་མཐུན་འོས་དི་ཅུས་༼吴德军༽ལགས་ཀྱིས་རྟོག་ཞིབ་བྱེད་སྐབས་སུ་སྲིད་ཁྲིམས་ལས་དོན་གྱི་ཐད་ལ་ནན་ཏན་ངང་རང་ཁུལ་ཁྲིམས་ལྟར་སྐྱོང་བ་ནམ་ཡང་ལམ་དུ་ཕྱོགས་པ་དང་།ཁྲིམས་སྐྱོང་དྲིལ་བསྒྲགས་ནམ་ཡང་ལམ་དུ་ཕྱོགས་པ་དང་།དཔུང་ཁག་འཛུགས་སྐྱོང་ནམ་ཡང་ལམ་དུ་ཕྱོགས་པ་དང་།དམངས་ལ་ཞབས་ཞུ་ནམ་ཡང་ལམ་དུ་ཕྱོགས་པ་ཅིག་དགོས་ཞེས་གསུངས་སོ

དུས་བདེ་འཛུགས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་ཧྲིལ་པོ་ལ་ཁྱོན་བསྡམས་བསྒྲགས་ཡིག་༣༥༠༠༠ལྷག་ཙམ་སྤྲད་པ་དང་།རས་བྱང་༨༣དང་།འགྲེམ་སྟོན་ས་པང་༣༢༠ལྷག་ཙམ་དང་།བློ་འདྲི་དང་ལེན་གྱི་མི་གྲངས་ལ་༨༠༠༠ལྷག་ཙམ་ཡོད་པ་རེད།བློ་འདྲི་བདག་སྤྲོད་སྣ་ཚོགས་ཀྱི་མི་གྲངས་ལ་༢༠༦༧ལྷག་ཙམ་དང་།སློབ་གསོ་ཐོབ་པའི་མི་གྲངས་༡༧༠༠༠ལྷག་ཡོད།དྲིལ་བསྒྲགས་བྱེད་སྒོ་སྤེལ་བས་མང་ཚོགས་ཀྱིས་ཡུས་ཧྲུའུ་ནི་ངའི་ཁྱིམ་ཡིན་པ་དང་དུས་བདེ་ནི་ཚང་མ་ལ་བརྟེན་དགོས་པལ་ཁུར་སེམས་དང་འགན་འཁྲིའི་འདུ་ཤེས་སྔར་བས་མཐོ་རུ་གཏོང་ཡོད།ཉེན་རྟོག་པ་དང་མང་ཚོགས་བར་གྱི་འབྲེལ་བ་སྔར་ལས་ཇེ་ཉེ་དང་།ཉེན་རྟོག་སྲིད་དོན་ལས་དོན་སྔར་བས་ཕྱི་གསལ་ནང་གསལ་གྱུར་པ་དང་།མི་དམངས་མང་ཚོགས་ཀྱིས་སྲིད་ཁྲིམས་ཀྱི་དཔུང་ཁག་ལ་བློ་ཡིད་ཚིམ་པའི་ཚད་སྔར་བས་གོང་མཐོར་ཕྱིན་པ་དང་།མང་ཚོགས་ཀྱིས་བདེ་འགོད་ལ་ཞུགས་པའི་ཚད་གྲངས་སྔར་ལས་མཐོར་འདེགས་དང་།ནུས་ཤུགས་དང་ལྡན་པའི་སྒོ་ནས་ “དུས་བདེའི་ཡུས་ཧྲུའུགསར་དུ་གཏོད་པ་ལ་སྐུལ་འདེད་ཐོབ་ཡོད།

 

玉树州深入开展 “构建平安和谐新玉树、树立政法队伍新形象”主题宣传活动

 为了进一步加强和改进全州政法工作和政法队伍建设,根据省委政法委和州委、州政府的部署要求,州委政法委在州“两会”期间,在全州十个大的层面广泛征求群众对政法各部门队伍建设意见的同时,贯穿“构建平安和谐新玉树、树立政法队伍新形象”两条主线,划分政法队伍风采展示区、便民利民惠民措施讲解区、“平安和谐玉树创建”宣传区、涉法涉诉案件受理及法律问题咨询区、便民服务区、车辆装备及警务装备展示区六个区域,通过涉法涉诉案(事)件受理,设立法律问题咨询点,发放宣传资料、体检、参加消防灭火演习等形式,积极服务和回应了人民群众的新要求、新期待,以正确的舆论导向,排除群众疑虑,进一步促进了人民群众最关心、最直接、最现实的利益问题的解决。

此次活动得到了社会各界及广大农牧民群众的广泛参与,并赢得了群众的认可。活动期间邀请了州级四大班子领导及两会代表、委员视察。此次宣传活动达到了提升平安玉树建设知晓率、提升群众满意度等方面的预期目标。州委书记吴德军同志在视察中对政法工作强调 “依法治州永远在路上、法治宣传永远在路上、队伍建设永远在路上、为民服务永远在路上

整个平安建设宣传活动共发放传单35000余份,悬挂布标83条,摆放展板320余块,接受咨询8000余人次。受理各类咨询2067人次,受教育人数17000人次。宣传活动的开展进一步提高了群众对树立“玉树是我家、平安靠大家”的使命感和责任感,进一步拉近了警民关系,进一步透明了警务政务工作,进一步提升了人民群众对政法队伍满意度,进一步提高了群众对平安创建的参与率,有力推进了“平安玉树”创建。